查看原文
其他

关于日喀则市实现社会面动态清零的公告


关于日喀则市实现社会面动态清零的公告自8月7日疫情发生以来,在以习近平同志为核心的党中央的特殊关怀下,在自治区党委、政府的坚强领导下,在全国人民的无私支援下,日喀则全市上下坚持人民至上、生命至上,坚持“外防输入、内防反弹”总策略和“动态清零”总方针不动摇,勠力同心、上下同欲,推动疫情防控工作取得重大战略成果。面对突如其来的疫情,广大医务工作者、解放军指战员、武警部队官兵、移民管理警察、应急救援人员、公安干警、机关企事业单位干部职工、新闻工作者、社区工作者、社会志愿者、社会服务人员不畏风雨、不舍昼夜,舍身忘我、连续作战,为疫情防控工作付出了艰辛努力。面对突如其来的疫情,广大市民朋友给予理解和支持,自觉遵守疫情防控要求,主动配合疫情防控管理,为全市疫情防控作出了重要贡献。截至9月19日,全市连续开展多轮区域核酸检测,近期发现的感染者主要来自隔离管控人员,经综合分析研判,日喀则市全域实现社会面动态清零,将逐步有序复工复产、分区分批复商复市、安全稳妥复学复课。动态清零不等于风险清零。当前,全市疫情防控形势仍然严峻复杂,“外防输入、内防反弹”的任务依然十分艰巨。全市广大党员干部群众务必倍加珍惜来之不易的防控成果,务必继续绷紧疫情防控这根弦,严格落实常态化防控措施,全面加强重点场所、机构管理,严格离市、来(返)市管理,坚决做好个人防护,持续压紧压实“四方责任”,奋力夺取疫情防控的全面胜利。特此公告。


日喀则市新型冠状病毒肺炎防联控工作领导小组办公室2022年9月19日

གཞིས་རྩེ་གྲོང་ཁྱེར་དུ་སྤྱི་ཚོགས་ཐོག་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱུང་བའི་སྐོར་གྱི་སྤྱི་བསྒྲགས།

སྤྱི་ཟླ་8པའི་ཚེས་7ཉིན་རིམས་ནད་ཐོན་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག གཞིས་རྩེ་་གྲོང་ཁྱེར་གྱི་གོང་འོག་ཚང་མས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ། རིམས་ནད་ཕྱི་ནས་མཆེད་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་ཡོང་རྒྱུ་སྔོན་འགོག་གི་སྤྱིའི་ཐབས་ཇུས་དང་། འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ། སེམས་མཐུན་ལས་སྒྲུབ་དང་གོང་འོག་གཅིག་མཐུན་སྒོ་ནས་རིམས་ནད་འགོག་སྡོམ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། རྒྱ་ཆེའི་སྨན་དོན་མི་སྣ་དང་།  བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ། འཕྲལ་སྡོམ་རོགས་སྐྱོབ་མི་སྣ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ། གསར་འགྱུར་ལས་དོན་མི་སྣ།  སྡེ་ཁུལ་གྱི་ལས་དོན་མི་སྣ།  སྤྱི་ཚོགས་ཀྱི་དང་བླངས་པ། སྤྱི་ཚོགས་ཀྱི་ཞབས་ཞུའི་མི་སྣ་བཅས་ཀྱིས་ཆར་རླུང་ལ་མི་སྐྲག་པ་དང་ཉིན་མཚན་ལྟོས་མེད་དམག་འཐབ་བསྟུད་མར་སྤེལ་ཏེ་རིམས་ནད་འགོག་སྡོམ་ལས་དོན་ལ་དཀའ་སྤྱད་འབད་འཐབ་བྱས་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམས་ཀྱིས་བསམ་ཤེས་རྒྱབ་སྐྱོར་གནང་ནས་རང་རྟོགས་ངང་རིམས་ནད་འགོག་སྡོམ་གྱི་བླང་བྱར་བརྩི་སྲུང་ཞུ་བ། རང་འགུལ་ངང་རིམས་ནད་འགོག་སྡོམ་ལ་གཞོགས་འདེགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

སྤྱི་ཟླ་9པའི་ཚེས་19ཉིན་བར། གྲོང་ཁྱེར་ཡོངས་སུ་བསྟུད་མར་མངའ་ཁོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་མང་བྱས་ཤིང་། ཉེ་དུས་ཤེས་རྟོགས་བྱུང་བའི་ནད་པ་མང་ཆེ་བ་ནི་ལོགས་བཀར་དོ་དམ་ཚོད་འཛིན་མི་སྣའི་ཁྲོད་ནས་ཐོན་ཡོད། ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཧྲིལ་པོར་སྤྱི་ཚོགས་ཐོག་གི་འགུལ་རྣམ་གཙང་སེལ་མངོན་འགྱུར་ཐུབ་ནས་རིམ་བཞིན་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་དང་། ས་ཁོངས་དང་ཚོ་ཁག་དབྱེ་ནས་ཚོང་ཁྲོམ་བསྐྱར་ཚུགས། བདེ་འཇགས་དང་བརྟན་པོའི་སྒོ་ནས་སློབ་གྲྭ་བསྐྱར་ཚུགས་བཅས་བྱེད་རྒྱུ་ཡིན།

འགུལ་རྣམ་གཙང་སེལ་ཐུབ་ན་ཉེན་ཁ་མེད་པ་མ་ཡིན། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་དུས་བབ་སྔར་རྒྱུན་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ། རིམས་ནད་ཕྱི་ནས་མཆེད་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་ཡོང་རྒྱུ་སྔོན་འགོག་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོབ་པར་དཀའ་བའི་འགོག་སྡོམ་གྱི་གྲུབ་འབྲས་ལ་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱེད་པ། རིམས་ནད་འགོག་སྡོམ་གྱི་རྩ་བ་དེ་དམ་པོར་འཛིན་ནས་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་ངེས་པར་དུ་དོན་འཁྱོལ་ནན་པོ་བྱེད་པ། གཙོ་གནད་ཁུལ་དང་ལས་ཁུངས་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་ནས་བྲལ་བ་དང་གྲོང་ཁྱེར་དུ་ཡོང་(ལོག་པ་)བའི་དོ་དམ་ནན་པོ་བྱེད་པ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། ཕྱོགས་བཞིའི་ཐད་ཀྱི་འགན་འཁྲི་རྒྱུན་མཐུད་ངང་ནན་དུ་དང་དྲག་ཏུ་གཏོང་བ་བཅས་ཀྱིས་རིམས་ནད་འགོག་སྡོམ་གྱི་ཁྱོན་ཡོངས་རྒྱལ་ཁ་ཧུར་ཐག་ལེན་དགོས།     

    དེ་དོན་ཆེད་དུ་སྤྱི་བསྒྲགས་འདི་སྤེལ།


གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་ནས།

2022ལོའི་སྤྱི་ཟླ་9པའི་ཚེས་19ཉིན།

主编:高斌编审坚参 其梅 平措次仁 何胜科
编辑:格桑德吉 王舟宁 代旭 何金龙译文:扎西次仁 贡桑旺姆 次仁卓玛


更多精彩内容

请下载珠峰云APP

关注“日喀则融媒”“珠峰视界

您可能也对以下帖子感兴趣

文章有问题?点此查看未经处理的缓存